24205
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་ཕྱི་ལོ་༡༦༣༥ རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ལོར་ཨ་མདོ་སྐུ་འབུམ་སྟག་ཕྱུག་རྒྱུད་དུ་འཁྲུངས། རྗེ་ཙོང་ཁ་བའི་སྤྲུལ་བར་གྲགས་ཆེ། འབྲས་སྤུངས་སྒོ་མང་ཀླུ་འབུམ་དུ་བཞུགས། རྒྱུད་སྨད་དུ་བྱོན། བདེ་ཡངས་གྲྭ་ཚང་། སྒོ་མང་གྲྭ་ཚང་། དཔལ་ལྡན་རྒྱུད་སྨད། བྱང་རྩེ་རྣམས་ཀྱི་མཁན་ཁྲིར་རིམ་བཞིན་བརྒྱུད། ཕྱི་ལོ་ ༡༦༨༢ རབ་བྱུང་བཅུ་གཅིག་ཆུ་ཁྱི་ལོར་གསེར་ཁྲིར་བྱོན། རྒྱ་ནག་གོང་མས་གདན་ཞུ་ལྟར་རྒྱ་ནག་ཏུ་ཕེབས་པས་ཁྲི་རྒྱ་ནག་པར་གྲགས། སླར་མདོ་སྨད་དུ་བྱོན། ཕྱི་ལོ་ ༡༦༨༨ ལོ་སྐུ་ཞི་བར་གཤེགས། འཇམ་བཞད་ངག་དབང་བརྩོན་འགྲུས་དང་། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་སློབ་མ་མང་ངོ་། ། |
{{#arraymap:དགའ་ལྡན་གསེར་ཁྲི་ཞེ་བཞི་པ་ཁྲི་བློ་གྲོས་རྒྱ་མཚོ་ནི་
|; |@@@ | | }}