24206
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཧོར་དོན་གྲུབ་རྒྱ་མཚོའམ་ནག་ཚང་དོན་གྲུབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ཕྱི་ལོ་ ༡༦༥༥ ལོར་ཀྲེ་བ་ནག་ཚང་གི་ཕྱོགས་སུ་ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་བསམ་འཛོམས་པ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ཕྱི་ལོ་ ༡༦༦༧ མེ་ལུག་ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་ཧོར་མི་ཚན་དུ་ཞུགས། གཞུང་ཆེན་པོད་ལྔའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་ཉེར་དྲུག་པ་ལྕགས་སྤྲེལ་ ༡༦༨༠ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཨང་དང་པོ་ཐོན། རྒྱུད་སྨད་དུ་ཕེབས། དགུང་ལོ་ཉེར་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་སྒོ་མང་གྲྭ་ཚང་གི་མཁན་པོར་བསྐོས། ཕྱི་ལོ་ ༡༦༩༥ ལོར་རྒྱུད་པའི་མཁན་པོ་དང་། བྱང་རྩེ་ཆོས་རྗེའི་ཁྲི་ཆབས་གཅིག་ཏུ་བསྐྱངས། དགུང་ལོ་ཞེ་བརྒྱད་པ་ཆུ་རྟ་ཕྱི་ལོ་ ༡༧༠༢ ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་ཡང་མཛད། རྒྱལ་བོ་ལྷ་བཟང་དང་མ་མཐུན་པས་ཁྲི་ལོ་བདུན་གཙང་ནས་དབུས་སྟོད་བྱ་ཡུལ་དགོན་པར་ཟུར་བཞུགས་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་༡༧༢༧ ལོར་སྐུ་གཤེགས། |
{{#arraymap:དགའ་ལྡན་གསེར་ཁྲི་ཞེ་བརྒྱད་པ་
|; |@@@ | | }}