24207
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་ཕྱི་ལོ་ ༡༦༤༨ རབ་བྱུང་བཅུ་གཅིག་པའི་ས་བྱི་ལ། འབྲས་སྤུངས་སྒོ་མང་དང་རྒྱུད་སྨད་དུ་གསན་སྦྱོང་མཛད། ཕྱི་ལོ་ ༡༧༡༤ རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་གསེར་ཁྲིར་བྱོན། ཐབས་འཕྲུལ་གྱིས་རྗེ་ཡི་དངུལ་གདུང་ཆེན་མོ་གསེར་གདུང་དུ་བསྐྲུན་པར་མཛད། རྒྱལ་བོ་ལྷ་བཟང་གིས་དེའི་ལེགས་སྐྱེས་སུ་ཚལ་གུང་ཐང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། གྲྭ་ཚང་གཉིས་མཆོད་ཐེབས་ས་ཁང་མི་ནོར་དང་བཅས་པའི་བདག་དབང་འབུལ་གནང་མཛད་འདུག་པའི་སྟབས་ཀྱིས་ཁྲི་གུང་ཐང་པར་གྲགས། གསེར་ཁྲི་ལོ་བདུན་བསྐྱངས། ཕྱི་ལོ་ ༡༧༢༤ རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལོར་གཤེགས། འདི་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་གུང་ཐང་སྐུ་ཕྲེང་དུ་གྲགས་པ་རྣམས་བྱོན། |
{{#arraymap:དགའ་ལྡན་གསེར་ཁྲི་ལྔ་བཅུ་བ་བྱ་བྲལ་དགེ་འདུན་ཕུན་ཚོགས་
|; |@@@ | | }}