24208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་གསེར་ཁྲི་སུམ་ཅུ་པ་ (1)
Part of speech མིང་ཚིག
Definition སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ནི། ཕྱི་ལོ ༡༥༤༦ རབ་བྱུང་དགུ་པའི་མེ་རྟ་ལོར་སྟོད་ལུང་བྲག་ཏུ་འཁྲུངས། སྐྱོར་མོ་ལུང་དུ་རབ་ཏུ་བྱུང་། སྒོ་མང་གྲྭ་ཚང་དུ་གུང་རུའི་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྩ་བའི་ཡོངས་འཛིན་དུ་བསྟེན་ཅིང་མཁས་པར་སྦྱངས། དེ་ཉིད་ཀྱི་གསུང་རྒྱུན་ཕལ་ཆེར་ཡི་གེར་བཀོད་པར་མཛད། སྟག་ཚང་ར་སྟོད་དུ་ཚད་མ་ལ་སྦྱངས། ར་སྟོད་མཁན་པོའང་མཛད། སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་སླར་གསོས། བྱང་རྩེ་གྲྭ་ཚང་སླར་གསོས་ཏེ་ཐོས་བསམ་གླིང་དུ་བཏགས། ཕྱི་ལོ་༡༦༡༥ རབ་བྱུང་བཅུ་བའི་ཤིང་ཡོས་དགུང་ལོ་བདུན་ཅུའི་སྟེང་གསེར་ཁྲིར་འཁོད། མདོ་སྔགས་ཀྱི་རྩོམ་པ་མང་། དགུང་གྲངས་དོན་གསུམ་པ་ཕྱི་ལོ་ ༡༦༡༨ རབ་བྱུང་བཅུ་བའི་ས་རྟ་ལོར་གཤེགས། སློབ་མ་ཁྲི་དཀོན་མཆོག་ཆོས་འཕེལ་སོགས་མང་ངོ་། །

{{#arraymap:དགའ་ལྡན་གསེར་ཁྲི་སུམ་ཅུ་པ་

|; |@@@ | | }}