24277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགུ་དུར་གཉིས་འཛོམས་ (1)
Part of speech མིང་ཚིག
Definition རྐྱང་པའི་དགུ་མིག་དྲུག་གི་ནང་གསེས་འདོམ་སྣད་དགུ་མིག་གི་བྱེ་བྲག་ཅིག་སྟེ། བརྩི་བྱར་རུང་བ་དག་རྐྱང་པའི་དགུ་མིག་ཏུ་ཚུད་པ་དེ་ནི་རང་སྲོག་གི་སྤར་ཁའི་དུར་མིག་ཏུ་ཚུད་པ་དང་འདོམ་པའི་འདོམ་སྣད་དགུ་མིག་ལ་ཟེར་བ་ཡིན། དཔེར་ན་སྟག་ཡོས་ལོ་པ་རང་ལོ་བཅོ་བརྒྱད་ཡིན་པར་ཆ་བཞག་ན། དགུ་གཉིས་བཅོ་བརྒྱད་ཡིན་པས་རྐྱང་བའི་དགུ་མིག་གི་དགུ་ཚན་གཉིས་པར་ཚུད་པ་མ་ཟད། ལོ་དེའི་བབས་སྤར་རང་ལོའི་སྤར་ཁའི་དུར་མིག་ཏུ་ཡང་ཚུད་པས་ན། དགུ་མིག་དེ་དུར་དང་འདོམ་སྟེ་དགུ་དུར་གཉིས་འཛོམས་བྱུང་བ་ལྟ་བུ་ཡིན། དེ་བཞིན་དུ་སྟག་ཡོས་ལོ་པ་རང་ལོ་སོ་དྲུག་ལ་སོན་དུས། རྟ་སྦྲུལ་ལོ་པ་རང་ལོ་སོ་དྲུག་དང་ལོ་པ་བཅོ་བརྒྱད་ལ་སོན་དུས། བྱ་སྤྲེལ་ལོ་པ་རང་ལོ་ང་བཞི་དང་ལོ་པ་དོན་གཉིས་ལ་སོན་དུས། གཤེད་བཞི་བྱི་ཕག་ལོ་པ་རང་ལོ་དོན་གཉིས་དང་ལོ་པ་ང་བཞིར་སོན་དུས་བཅས་ནི་དགུ་དུར་གཉིས་ཀར་ཚུད་པ་འདོམ་དུས་དགུ་དུར་གཉིས་འཛོམས་ཡིན། གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་ཤར་བའི་གནམ་ལོ་དེའི་མདུན་ལོ་ཉིད་དང་། མདུན་ལོ་དེའི་བདུན་ཟུར་གཉིས་ནི་ལོ་དེར་དགུ་དུར་གཉིས་འཛོམས་ལ་ཚུད་པའི་བརྩི་བྱ་དག་གི་རང་ལོ་ཡིན་ཞིང་། ལོ་བརྙན་དེ་གཉིས་ལས་གཅིག་ནི་བརྩི་བྱ་སྐྱེས་པའི་རང་ལོ་དང་གཞན་དེ་བུད་མེད་ཀྱི་རང་ལོ་ཡིན།
Domain རྩིས་རིག

{{#arraymap:དགུ་དུར་གཉིས་འཛོམས་

|; |@@@ | | }}