24278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགུ་དུར་བཅོས་ཐབས་ (1)
Part of speech མིང་ཚིག
Definition དེ་ལྟར་དགུ་མིག་དུར་མིག་གི། བཅོས་ཐབས་ངོ་ལོན་ཆོ་ག་ལ། །དང་པོ་དགུ་མིག་གང་བབས་ཀྱང་། །མར་མེ་ལྷ་བཤོས་སཱཙྪ་དང་། །གཙུག་ཏོར་ཆབ་གཏོར་དགུ་གྲངས་སམ། །ཕོ་ལ་མདའ་དང་མོ་ལ་འཕང་། །ལོ་གྲངས་ཁྲམ་བཏབ་ལ་རྫས་འཛུགས། །རྡོ་དགུ་བརྩིགས་ལ་ཕྱག་དགུ་འཚལ། །ན་ཤིའི་དགུ་མིག་ཐར་རོ་བརྗོད། །ཡང་ན་སྐས་མིག་དགུ་ལ་འཛེག། །ཐར་རོ་ཞེས་བརྗོད་དེ་ལ་སོགས། །དགུ་མིག་ནས་འདོན་གཏོ་བཅོས་བྱ། །དུར་མིག་དག་ཏུ་ཚུད་པ་ན། །དུར་མིག་ནས་འདོན་དུར་མཚུན་གསོལ། །དུར་ཁ་རྒྱས་འདེབས་རུས་གསུམ་གཏོ། །དུར་ཁ ཚེ་བཟློག་ཞེས་བྱ་བའི། །འཆི་བསླུ་ཆེན་མོའི་གོ་ག་སོགས། །ཟབ་བཅོས་ཕན་གཏོ་དང་དུ་བླངས། །
Domain རྩིས་རིག

{{#arraymap:དགུ་དུར་བཅོས་ཐབས་

|; |@@@ | | }}