24290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགུ་མིག་གྲངས་འགྲམས་ (1)
Part of speech མིང་ཚིག
Definition འགྲམས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། བརྩི་བྱ་གཤིན་པོ་དེ་ཕོ་ཡིན་ན་རང་ལོའི་དབང་ཐང་དབང་ཐང་དུ་སྦྱར་བའི་བྱི་བ་དང་། མོ་ཡིན་ན་རང་ལོའི་དབང་ཐང་དབང་ཐང་དུ་སྦྱར་བའི་བྱ་བཅས་སྐོར་འགོ་བྱས་ནས་གྱེན་དུ་བསྐོར་ན། གཤེད་བཞིའི་ཐོག་ཏུ་འབབ་དུས་དག་ལས་རང་ལོ་དགུ་དང་། བཅོ་བརྒྱད། ཉེར་བདུན། སོ་དྲུག ཞེ་ལྔ། ང་བཞི། རེ་གསུམ། དོན་གཉིས། གྱ་གཅིག་སོགས་རྐྱང་པའི་དགུ་མིག་ཏུ་ཚུད་པའི་ལོ་དེར་ཤི་བ་ལ་ཟེར་བ་ཡིན། དུས་དེར་ཤི་བའི་གཤིན་པོ་དེ་སྐྱེས་པ་ཡིན་ན་རོ་ཟློས་དྲུག་དང་། བུད་མེད་ཡིན་ན་རོ་ཟློས་གསུམ་མམ་ལྔ་ཡོང་བར་བཤད་ཅིང་། འདི་ནི་དགུ་མིག་གྲངས་འགྲམས་ཀྱི་སྤྱི་འབྲས་ལྟ་བུ་ཡིན་ལ། བྱེ་བྲག་ཏུ་དགུ་ཚན་སོ་སོར་བབས་འབྲས་མི་འདྲ་བ་རེ་ཡོད།
Domain རྩིས་རིག

{{#arraymap:དགུ་མིག་གྲངས་འགྲམས་

|; |@@@ | | }}