24391

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བ་གཅིག་ནས་བཅུ་ཚན་བར་ཚན་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། གཅིག་ཚན་ནི། ཁ་ན་མ་ཐོ་བ་མེད་པའི་དོན་གྱིས་སོ། །ཉིས་ཚན་ནི། ༡ སྐྱེས་ནས་ཐོབ་པ། ༢ སྦྱོར་བ་ལས་བྱུང༌བའོ། །སུམ་ཚན་ནི། ༡ ངོ་བོ་ཉིད། ༢ ངོ་བོ་ཉིད་དང་ལྡན་པ། ༣ ཀུན་ནས་བསླང་བའོ། །བཞི་ཚན་ནི། ༡ བསོད་ནམས་ཀྱི་ཆ་དང་མཐུན་པ། ༢ ཐར་པའི་ཆ་དང་མཐུན་པ། ༣ ངེས་པར་འབྱེད་པའི་ཆ་དང་མཐུན་པ། ༤ ཟག་པ་མེད་པའོ། །ལྔ་ཚན་ནི། ༡ སྦྱིན་པ་ལས་བྱུང་བ། ༢ ཚུལ་ཁྲིམས་ལས་བྱུང་བ། ༣ བསྒོམས་པ་ལས་བྱུང་བ། ༤ སྡུག་པའི་འབྲས་བུ། ༥ བྲལ་བའི་འབྲས་བུའོ། །དྲུག་ཚན་ནི། ༡ གཟུགས། ༢ ཚོར་བ། ༣ འདུ་ཤེས། ༤ འདུ་བྱེད། ༥ རྣམ་པར་ཤེས་པ། ༦ སོ་སོར་བཏགས་པས་འགོག་པའོ། །བདུན་ཚན་ནི། ༡ དྲན་པ་ཉེ་བར་གཞག་པར་བསྡུས་པ། ༢ ཡང་དག་པའི་སྤོང་བ། ༣ རྫུ་འཕྲུལ་གྱི་རྐང་པ། ༤ དབང་པོ། ༥ སྟོབས། ༤ བྱང་ཆུབ་ཀྱི་ཡན་ལག། ༧ ལམ་གྱི་ཡན་ལག་ཏུ་བསྡུས་པའོ། །བརྒྱད་ཚན་ནི། ༡ མངོན་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱར་བའི་ལས་སུ་བསྡུས་པ། ༢ ལེགས་པར་སྨྲས་པ་ལ་ལེགས་སོ་བྱ་བ་སྦྱིན་པ་དང་བདེན་པའི་བསྔགས་པ་བརྗོད་པར་བསྡུས་པ། ༣ ནད་གཡོག་བྱ་བར་བསྡུས་པ། ༤ བླ་མ་ལ་གུས་པར་བསྙེན་བཀུར་བྱེད་པར་བསྡུས་པ། ༥ རྗེས་སུ་ཡི་རང་བར་བསྡུས་པ། ༦ གཞན་ཡང་དག་པར་འཛིན་དུ་འཇུག་པར་བསྡུས་པ། ༧ ཡོངས་སུ་བསྔོ་བར་བསྡུས་པ། ༨ ཚད་མེད་པར་བསྒོམས་པར་བསྡུས་པའོ། །དགུ་ཚན་ནི། ༡ སྦྱོར་བ་དང་། བར་ཆད་མེད་པ། ༢ རྣམ་པར་གྲོལ་བ། ༣ ཁྱད་པར་གྱི་ལམ་དུ་བསྡུས་པ། ༤ ཆུང་ངུའི་ལམ་དུ་བསྡུས་པ། ༥ འབྲིང་གི་ལམ་དུ་བསྡུས་པ། ༨ ཆེན་པོའི་ལམ་དུ་བསྡུས་པ། ༩ འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དུ་བསྡུས་པའོ། །བཅུ་ཚན་ནི། ༡ རྫས་ལས་བྱུང་བ། ༢ རྫས་ལས་བྱུང་བ་མ་ཡིན་པ། ༣ ཐོས་པ་ལས་བྱུང་བ། ༤ བསམས་པ་ལས་བྱུང་བ། ༥ སྡོམ་པར་བསྡུས་པ། ༦ སྡོམ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་བསྡུས་པ། ༧ དངོས་གཞི་དང་ཉེར་བསྡོགས་སུ་བསྡུས་པ། ༨ ཉན་ཐོས་ཀྱི་ཐེག་པར་བསྡུས་པ། ༩ རང་སངས་རྒྱས་ཀྱི་ཐེག་པར་བསྡུས་པ། ༡༠ ཐེག་པ་ཆེན་པོར་བསྡུས་པའོ། །༡ འདོད་པ་དང་ལྡན་པ། ༢ བསམ་གཏན་དང་པོ་དང་ལྡན་པ། ༣ བསམ་གཏན་གཉིས་པ་དང་ལྡན་པ། ༤ བསམ་གཏན་གསུམ་པ་དང་ལྡན་པ། ༥ བསམ་གཏན་བཞི་པ་དང་ལྡན་པ། ༦ ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་ལྡན་པ། ༧ རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་དང་ལྡན་པ། ༨ ཅི་ཡང་མེད་པའི་སྐྱེ་མཆེད་དང་ལྡན་པ། ༩ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་ལྡན་པ། ༡༠ ཟག་པ་མེད་པར་བསྡུས་པའོ། །གཞན་ཡང་རྣམ་པ་བཅུ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །གཞན་ཡང་རྣམ་པ་བཅུ་སྟེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཤེས་པའི་བར་རོ། །གཞན་ཡང་རྣམ་པ་བཅུ་སྟེ། བསོད་ནམས་ལས་སྐྱེ་བ་བརྒྱད་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་དགེ་བའོ། །
Domain ཆོས་ལུགས།