24397
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལུས་ངག་ཡིད་གསུམ་གྱི་ལེགས་པར་སྤྱད་པ་རྣམས་ཆེ་ལོང་བསྡུས་པ་སྟེ། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། ལོག་གཡེམ་སྤོང་བ། བདེན་པར་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་འཇམ་པོར་སྨྲ་བ། ངག་མི་འཆལ་བ། གཞན་གྱི་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་སྐྱེད་པ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་བཅུ། འདི་དག་ནི་དགེ་བའི་ལས་ཀྱི་རགས་རིམ་ཙམ་བསྡུས་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། ལུས་ཀྱི་དགེ་བ་བདུན་གྱི་སྦྱོར་མཇུག་དང་ལུས་ཀྱི་དགེ་བ་ཆང་མི་འཐུང་བ་དང་ཕྱི་དྲོའི་ཁ་ཟས་སྤོང་བ་ལ་སོགས་པ་དང་ཡིད་ཀྱི་སེམས་པ་དང་སྦྱིན་པ་དང་མཆོད་པ་ལ་སོགས་པ་དང་། ངག་གིས་སྙན་པར་སྨྲ་བ་དང་བསྟོད་པ་ལ་སོགས་པ་དང་ཡིད་ཀྱི་སེམས་པ་དགེ་བ་དང་ངོ་ཚ་ཁྲེལ་ཡོད་པ་དང་དད་པ་ལ་སོགས་པ་བཅུ་ཡང་མ་བསྡུས་སོ། ། |
| Domain | ཆོས་ལུགས། |