24398
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སེམས་བྱུང་ང་གཅིག་ནང་ཚན་དགེ་བ་སྟེ། ༡ དད་པ། ༢ བག་ཡོད། ༣ ཤིན་སྦྱངས། ༤ བཏང་སྙོམས། ༥ ངོ་ཚ་ཤེས་པ། ༦ ཁྲེལ་ཡོད་པ། ༧ མ་ཆགས་པ། ༨ ཞེ་སྡང་མེད་པ། ༩ གཏི་མུག་མེད་པ། ༡༠ བརྩོན་འགྲུས། ༡༡ རྣམ་པར་མི་འཚེ་བ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:དགེ་བ་བཅུ་གཅིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། དད་པ་ནི་ཡུལ་ཁྱད་པར་ཅན་ལ་མངོན་པར་ཡིད་ཆེས་པའམ་དང་བའམ་འདོད་པའི་སེམས་བྱུང་ངོ་། །ངོ་ཚ་ཡོད་པ་ནི་བདག་ཉིད་ལས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་ངོ་། །ཁྲེལ་ཡོད་པ་ནི་གཞན་ལས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་ངོ་། །མ་ཆགས་པ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པའི་སེམས་བྱུང་ངོ་། །ཞེ་སྡང་མེད་པ་ནི་ཀུན་ནས་མནར་སེམས་ཀྱི་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པའི་སེམས་བྱུང་ངོ་། །གཏི་མུག་མེད་པ་ནི་སྐྱེས་ཐོབ་དང་སྦྱོར་བྱུང་གི་སྒོ་ནས་གནས་ལུགས་ཤེས་ཤིང་སོ་སོར་རྟོག་པའི་སེམས་བྱུང་ངོ་། །བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའི་སེམས་བྱུང་ངོ་། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་རྒྱུན་གཅོད་པ་ལ་ལུས་སེམས་ལས་སུ་རུང་བའི་སེམས་བྱུང་ངོ་། །བག་ཡོད་པ་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་བསྲུང་བའི་སེམས་བྱུང་ངོ་། །བཏང་སྙོམས་ནི་དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་སེམས་རྣལ་དུ་འདུག་པའི་སེམས་བྱུང་ངོ་། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆར་གཏོགས་པ་སྙིང་རྗེ་བའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། |
{{#arraymap:དགེ་བ་བཅུ་གཅིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག གེ་བ་བཅུ་གཅིག་ནི། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། འདོད་ཆགས་མེད་པའི་དགེ་བའི་རྩ་བ། ཞེ་སྡང་མེད་པའི་དགེ་བའི་རྩ་བ། གཏི་མུག་མེད་པའི་དགེ་བའི་རྩ་བ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པར་མི་འཚེ་བ་སྟེ། དགེ་བ་བཅུ་གཅིག ཅེས་གསུངས། |
{{#arraymap:དགེ་བ་བཅུ་གཅིག་
|; |@@@ | | }}