24431
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རྣམ་འགྲེལ་ལས། བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱེས་བུ་དེ་འདྲ་ཞིག དགེ་བའི་བཤེས་གཉེན་དུ་བསྟེན་དགོས་པ་ཡིན་ཏེ། དེ་ཉིད་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། གང་དེ་ཚད་མ་ཉིད་འདོད་ཀྱི། །ཞེས་གསུངས་པའི་ཕྱིར། དེས་ན་ལུང་དེས་ངན་འགྲོ་རྒྱུ་བཅས་སྤོང་བའི་ཚུལ་དང་བདེ་འགྲོ་རྒྱུ་བཅས་ཐོབ་པར་བྱེད་པའི་ཚུལ་གཉིས་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་སྐྱེས་བུ་དེ། སྐྱེས་བུ་ཆུང་ངུའི་གདུལ་བྱ་དེའི་དགེ་བའི་བཤེས་གཉེན་དང༌། འཁོར་བ་རྒྱུ་བཅས་སྤོང་བར་བྱེད་པའི་ཚུལ་དང༌། ཐར་པ་ཐོབ་པར་བྱེད་པའི་ཚུལ་གཉིས་ཕྱིན་ཅི་མ་ལོག་བར་སྟོན་པར་ནུས་པའི་སྐྱེས་བུ་དེ། སྐྱེས་བུ་འབྲིང་དུ་གྱུར་པའི་གདུལ་བྱ་དེའི་དགེ་བའི་བཤེས་གཉེན་དང༌། ཐམས་ཅད་མཁྱེན་པ་ལམ་དང་བཅས་པ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་སྐྱེས་བུ་དེ། སྐྱེས་བུ་ཆེན་པོའི་གདུལ་བྱ་དེའི་དགེ་བའི་བཤེས་གཉེན་དུ་བསྟན་པ་ཡིན་ནོ། །དེས་ན་བསྟེན་བྱའི་སློབ་མ་དེས་རང་ལས་ཡོན་ཏན་ལྷག་པའི་དགེ་བའི་བཤེེས་གཉེན་ཞིག་བཤེས་གཉེན་དུ་བསྟེན་དགོས་པ་ཡིན་ཏེ། རང་ལས་ཡོན་ཏན་དམན་པ་ཞིག་དེར་བསྟེན་ན། རང་གི་ཡོན་ཏན་ཉམ་པར་འགྱུར་ཞིང༌། རང་དང་ཡོན་ཏན་མཉམ་པ་དེར་བསྟེན་ན་རང་གི་ཡོན་ཏན་འཕེལ་བར་མི་འགྱུར། རང་ལས་ཡོན་ཏན་ལྷག་པ་ཞིག་དེར་བསྟེན་ན་རང་གི་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་པའི་ཕྱིར། དེ་ལྟར་ཡང༌། ལྷག་བསམ་བསྐུལ་བའི་མདོ་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་དཀར་བབས་པ་བསྟེན་པས་སོ་ན་གནས། །ལྷག་པ་བསྟེན་པས་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |