24436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་བཤེས་གཉེན་དང་ཉེ་བར་བསྙེན་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ཆ་པ་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ། འདི་ལྟར་བསམ་པ་ཡོངས་སུ་དག་པ་གཡོ་དང་སྒྱུ་མེད་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པ་ལ་ཐ་མི་དད་པའི་སྙིང་རྗེ་ཆེན་པོ། སེམས་ཅན་ཐམས་ཅད་ལ་སེམས་ཅན་མེད་པའི་རང་བཞིན་ངེས་པར་རྩོགས་པའི་རབ་ཏུ་རྟོག་པ། ལྷག་པའི་བསམ་པའི་སྟོབས་ཐམས་ཅད་མཁྱེན་པར་འགྲོ་བ་ལས་ཕྱིར་མི་ལྡོག་པ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་མངོན་པར་འདུན་པའི་མོས་པའི་སྟོབས། ཆོས་ཐམས་ཅད་ཀྱི་རང་བཞིན་དྲི་མ་མེད་པས་རྣམ་པར་དག་པའི་མིག སེམས་ཅན་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཐ་མི་དད་པའི་བྱམས་པ་ཆེན་པོ། སྒྲིབ་པ་ཐམས་ཅད་རྣམ་པར་འཐོར་བའི་ཡེ་ཤེས་ཀྱི་སྣང་བ། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཉེན་པོ་གདུགས་སུ་གྱུར་པའི་ཆོས་ཀྱི་སྤྲིན་ཆེན་པོ། ཆོས་ཀྱི་དབྱིངས་ཀྱི་རྒྱུད་ཐམས་ཅད་ལ་རབ་ཏུ་ཞུགས་ཤིང་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བ་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་མིག་གོ །
Domain ཆོས་ལུགས།