24442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་བཤེས་གཉེན་བཙལ་བ་མི་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་བཙལ་བ་མི་བྱ་བ་བཅུ་སྟེ། དགེ་བའི་ཡོངས་སུ་བཙལ་བ་ལ་སྐྱོ་བར་མི་བྱ་བ། དགེ་བའི་བཤེས་གཉེན་མཐོང་བས་ངོམས་པ་བསྐྱེད་པར་མི་བྱ་བ། དགེ་བའི་བཤེས་གཉེན་ལ་ཡོངས་སུ་དེ་བས་ཆོག་ཤེས་པར་མི་བྱ་བ། དགེ་བའི་བཤེས་གཉེན་དང་འགྲོགས་པ་ལས་ཕྱིར་ལྡོག་པར་མི་བྱ་བ། དགེ་བའི་བཤེས་གཉེན་ལ་ཕུ་དུད་དང་། རིམ་གྲོ་སྦྱོར་བ་རྒྱུན་གཅད་པར་མི་བྱ་བ། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་། རྗེས་སུ་བསྟན་པ་ལོག་པར་གཟུང་བར་མི་བྱ་བ། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་མི་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་འབྱུང་བའི་སྒོ་བསྟན་པ་ལ་ཡིད་གཉིས་སུ་མི་བྱ་བ། དགེ་བའི་བཤེས་གཉེན་གྱི་ཐབས་ཀྱི་བསམ་པ་དང་འཇིག་རྟེན་གྱི་རྗེས་སུ་འབྲང་བར་བྱ་བའི་རྒྱུད་ལ་ཞེ་སྡང་བསྐྱེད་པར་མི་བྱ་བ། དགེ་བའི་བཤེས་གཉེན་ལ་མོས་པ་རྣམ་པར་བསྐྱེད་པས་ལུས་དང་། སེམས་རྣམ་པར་ལྡོག་པར་མི་བྱ་བའོ། །
Domain ཆོས་ལུགས།