24445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་བཤེས་གཉེན་བསྙེན་བཀུར་ཅིང་མངོན་པར་དགའ་བར་བྱེད་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ། ལུས་དང་སྲོག་ལ་ཕངས་པར་མི་བརྩི་བ། འཁོར་བའི་ཡོ་བྱད་དོན་དུ་མི་གཉེར་བ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ། ཐམས་ཅད་མཁྱེན་པའི་སྨོན་ལམ་ལས་ཕྱིར་མི་ལྡོག་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ལ་རྣམ་པར་ལྟ་བ། སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་གྱེན་དུ་འཕགས་པའི་ཡིད། གནས་མེད་པའི་ཆོས་ཀྱི་ནམ་མཁའ་ལ་མི་གནས་མི་རྟེན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་བསྒྲིབས་པ་མེད་པ། ཞིང་རྒྱ་མཚོ་ཐམས་ཅད་དུ་རབ་ཏུ་འདལ་བ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲིབས་པ་མེད་པ་ཤིན་ཏུ་སྦྱངས་པའོ། །
Domain ཆོས་ལུགས།