24448
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་རིམ་གྲོ་བྱ་བའི་སེམས། དགའ་བར་བྱ་བའི་སེམས། ཇི་སྐད་བསྒོ་བ་བཞིན་དུ་ནན་ཏན་དུ་བྱ་བའི་སེམས། ཡིད་མི་འབྱུང་བའི་སེམས་དང༌། ཇི་སྙམ་ཡང་མི་བྱེད་པའི་སེམས། གཅིག་ཏུ་ངེས་པའི་སེམས། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་སེམས། སྨོན་ལམ་གཅིག་པའི་སེམས། སྟོན་པའི་སེམས། སྤྱོད་པ་མཚུངས་པར་ཡོངས་སུ་རྫོགས་པར་བྱ་བའི་སེམས་སོ། ། |
| Domain | ཆོས་ལུགས། |