24453
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཚུལ་ཁྲིམས་ཉམས་པ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་གནས་པ་མ་ཡིན་གྱིས། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །རིགས་དམའ་བ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་རིགས་དམའ་བ་ཡིན་གྱི། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །བྱད་ངན་པ་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་བྱད་ངན་གྱི། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ། །ཚིག་འབྲུ་ངན་པ་ལ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་ལེགས་པར་སྦྱར་བ་མ་ཡིན་གྱི། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱ་སྟེ། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །སྙན་པ་མེད་པ་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ། འདི་ལྟར་འདི་ནི་ཚིག་རྩུབ་ཅིང་ཁྲོ་བ་སྙན་པར་ཆོས་སྨྲ་བ་ཡང་མ་ཡིན་གྱི། འདི་ལས་བདག་གིས་མཉན་པར་མི་བྱའོ་སྙམ་དུ་སེམས་མངོན་པར་འདུ་མི་བྱའོ་སྙམ་པའོ། ། |
| Domain | ཆོས་ལུགས། |