24478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་ས་མང་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དད་སོགས་བཅུ་པོ་དགེ་སེམས་ཐམས་ཅད་ཀྱི་འཁོར་དུ་བྱུང་སྟེ། དགེ་སེམས་ཡིན་ན། རང་གི་འཁོར་དུ་དེ་བཅུ་འབྱུང་བས་ཁྱབ་པའི་ཕྱིར། རྩ་བ་གཉིས་ནི་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་གཉིས་ཡིན་ཏེ། རང་འགྲེལ་ལས། རྩ་བ་གཉིས་ནི་དགེ་བའི་རྩ་བ་གཉིས་པོ་ཆགས་པ་མེད་པ་དང་། ཞེ་སྡང་མེད་པ་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།