24492
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་ཕྱི་ལོ་ ༡༩༠༡ ལོར་ཨུ་རུ་སའི་ཁོངས་སི་ཏཱ་ར་ཁན་དུ་སོག་པོའི་རིགས་སུ་འཁྲུངས། གོང་ས་བཅུ་གསུམ་པའི་མཚན་ཞབས་རྡོ་རྗེ་ཡིབ་ཀྱི་ལམ་སྟོན་བོད་དུ་བྱོན་ནས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་ཕྱི་ལོ་ ༡༩༣༨ ལོར་དགེ་བཤེས་མཚན་བཏགས་བཞེས། པེ་ཅིང་ནས་ལོ་གཅིག་བཞུགས་ཏེ་བཀའ་བསྟན་གྱི་པར་བསྐྲུན་གླེགས་བམ་དག་ལ་ཞིབ་བསྡུར་གནང། ཕྱི་ལོ་ ༡༩༥༡ ལོར་བོད་ནས་རྒྱ་གར་དུ་ཕེབས། ཕྱི་ལོ་ ༡༩༥༥ ལོར་ཨ་རིར་ཕེབས་ཏེ་ནིའུ་ཡོག་གྲོང་ཁྱེར་གྱི་མཐོ་སློབ་ཞིག་གི་དགེ་རྒན་གནང། ཕྱི་ལོ་ ༡༩༥༨ ལོར་ཨ་རིར་བསླབ་གསུམ་བཤད་སྒྲུབ་གླིང་ཕྱག་བཏབ། ཕྱི་ལོ་ ༡༩༧༣ ལོར་ཨ་རིར་ནང་དོན་མཐོ་སློབ་ཁང་ཞེས་པ་དབུ་འབྱེད་མཛད། ཕྱི་ལོ་ ༡༩༨༣ ལོར་དགོངས་པ་རྫོགས། གསུང་རྩོམ་ཐར་བའི་སྒོ། ཁུ་བྱུག་ཅིག་ཏུ་གྱུར་བའི་རྒྱལ་སྲས་སོགས་མང་པོ་ཡོད། |