24495
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བ་མོང་གོལ་ཅིན་ཤོག་ཏུ་འཁྲུངས། ཨི་པ་ལི་དགོན་ཆེན་དང་བོད་ཡུལ་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། མཁས་གྲགས་ཆེ་བས་མཛོད་འགྲེལ་ཉིན་ལྟར་ཞལ་འདོན་མཛད་ཅིང་མདོ་སྟོད་སྨད་དང་སོག་པོ་ཕྱི་ནང་སོགས་ལ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་མཛད། སྐུ་འབུམ་དུ་བཞུགས་སྐབས་སྦོ་རད་ཐུ་ནས་ཡིན་པའི་མདོ་སྨད་བླ་བྲང་གི་རྡོ་རམས་པ་ཞིག་གིས་བྱང་ཕྱོགས་སོག་ཡུལ་སྦོ་རད་ཐུར་གདན་དྲངས་ཏེ་དེ་གའི་དགོན་སྡེ་ཁག་ཏུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་། སྒོ་མང་མཁན་པོ་སྐལ་བཟང་ལེགས་ལྡན་འདི་བ་ལས་རབ་ཏུ་བྱུང། ར་ཤི་ཡར་དམར་པོས་སྲིད་འགྱུར་བསླངས་སྐབས་སྐུ་འབུམ་དུ་ཕེབས། དགུང་ལོ་བརྒྱད་ཅུ་ཐོག་དགོངས་པ་རྫོགས། |