24497

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་བློ་བཟང་ཡེ་ཤེས་ (1)
Part of speech མིང་ཚིག
Definition འདི་བ་ཕྱི་སོག་ཁལ་ཁ་བོར་ཅིན་གན་ཞེས་པར་འཁྲུངས། ནང་སོག་པད་དཀར་ཆོས་གླིང་དང་བོད་ཡུལ་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་ཕྱི་ལོ་༡༩༥༦ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བཞུགས་པས་རིག་གསར་སྐབས་ཀྱང་སྐུ་ལ་འོ་བརྒྱལ་མ་བྱུང་བ་ཀུན་ལ་གྲགས་ཆེ། གསུང་རྩོམ་ཕར་ཕྱིན་དཀའ་གདན་དོགས་གཅོད་སོགས་མང་པོ་ཡོད་ཕྱི་ལོ་ ༡༩༦༧ ལོར་དགོངས་པ་རྫོགས།