24498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་མཆོག་ལྷ་ (1)
Part of speech མིང་ཚིག
Definition འདི་བ་ནང་སོག་ཏུ་འཁྲུངས། ཨི་པ་ལི་དགོན་ཆེན་དང་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་བཏགས་བཞེས། མཁས་གྲགས་ཤིན་ཏུ་ཆེ་བས་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་འདི་བ་ཡོངས་འཛིན་དུ་བསྟེན། རྒྱ་གར་བརྒྱུད་རང་ཡུལ་དུ་ཕེབས་ནས་ཨི་པ་ལི་དགོན་པར་དཔེ་འཁྲིད་གནང་སྟེ་བཞུགས། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་སྒོ་མང་མཁན་པོའི་ཕྱག་རྟགས་ཕེབས་ཀྱང་རྐྱེན་དབང་གིས་ཕེབས་མ་ཐུབ། དགུང་ལོ་དྲུག་ཅུ་རེ་བརྒྱད་སྟེང་དགོས་པ་རྫོགས།