24501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་ཞི་བ་ལྷ་ (1)
Part of speech མིང་ཚིག
Definition དམ་པ་འདི་བ་བྱང་ཕྱོགས་སྦོད་རད་སུ་གེལ་བཀྲ་ཤིས་ཆོས་འཕེལ་གླིང་དགོན་པའི་ཁོངས་ཧུ་དུང་ཏུ་ཞེས་པར་འཁྲུངས། དགུང་ལོ་བདུན་སྟེང་སུ་གེལ་དགོན་པར་ཆོས་ཞུགས་མཛད། བོད་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་རྣམས་ལ་ཐུགས་གཉེར་གྱིས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ལི་ཐང་དགོན་ཆེན་དུ་མཚན་ཉིད་གསར་འཛུགས་ཀྱི་དགེ་རྒན་དུ་ཕེབས་ནས་འཆད་ཉན་གྱི་སྲོལ་རྒྱ་ཆེར་སྤེལ། མགོ་ལོག་སྟོད་དུ་ལོ་ཁ་ཤས་རིང་མཚམས་ལ་བཞུགས་ཏེ་སླར་ལི་ཐང་དགོན་ཆེན་དུ་ཕེབས། དགའ་བ་ཁང་ཚན་དུ་སྦྱོར་ཆོས་ཀྱི་ཆོ་ག་གསུང་བཞིན་པའི་ངང་ནས་དགོངས་པ་རྫོགས།