24503

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་ཡེ་ཤེས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་བ་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་བྱི་བ་ཕྱི་ལོ་ ༡༩༡༢ ལོར་ནང་སོག་ཐུ་མེད་དུ་འཁྲུངས། ཡབ་ཆུང་དུས་ནས་གཤེགས་པས་ཡུམ་ལ་ཞབས་ཞུའི་ཆེད་དགུང་ལོ་བཅུ་བདུན་པར་ཁྱིམ་དུ་བཞུགས། ཡུམ་གྱིས་ཆོས་སྒོར་ཞུགས་དགོས་པའི་རེ་བསྐུལ་ལྟར་བ་རེ་ཐེས་དགོན་པ་དང། མདོ་སྨད་སྐུ་འབུམ། དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གྱིས་ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྨད་དུ་གཞུང་ཆེན་པོ་ཏི་དྲུག་གི་རྒྱུགས་སྤྲོད་སྐབས་འདི་བ་ལ་ཨང་གསུམ་པ་ཐོབ། ཕྱི་ལོ་ ༡༩༥༧ ལོར་རྒྱུད་སྨད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། རིག་གནས་གསར་བརྗེ་སྐབས་རྩྭ་ཐག་རློན་པས་སྐུ་ལུས་བསྡམས་ནས་རྡུང་རྡེག་བཏང་བ་དང་བཙོན་ཁང་དུ་ལོ་མང་བཅུག་སྟེ་སྐུ་ངལ་འོ་བརྒྱལ་ཚད་མེད་མྱངས། དགུང་ལོ་རེག་གསུམ་པ་ཕྱི་ལོ་ ༡༩༧༤ ལོར་དགོངས་པ་རྫོགས།