24504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་ལྕང་རི་བ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་འབྲུག་ཕྱི་ལོ ༡༡༦༠ ལོར་འཁྲུངས། ཞེ་གཉིས་པ་རབ་བྱུང་གསུམ་པའི་ལྕགས་བྱ་ཕྱི་ལོ ༡༢༠༡ ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། གདན་ས་ལོ་བཅོ་བརྒྱད་རིང་བསྐྱངས། སློབ་ཚོགས་བསྐྱངས། ང་བརྒྱད་པ་རབ་བྱུང་བཞི་པའི་ས་སྟག་ཕྱི་ལོ་ ༡༢༡༨ ལོར་སྐུ་གཤེགས། རྒྱལ་ལྷ་ཁང་གི་གདན་རབས་བཅུ་གསུམ་པ་ཡིན། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་སུ་དགེ་བཤེས་ལྕགས་རི་བ་འཁོད་ཡོད།