24510
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་བྱུང་བ་སྟེ། རྐང་འགྲོས་ཕྱུགས་ཀྱི་ཚོང་སྤོགས་ཀྱི་ལས་མི་བྱའོ། །བདག་ཉིད་ཀྱི་ཕྱུགས་ཡོད་ན་འཚོང་དུ་གནང་གི་བཤན་པ་ལ་འཚོང་དུ་མི་རུང་བ། མདའ་གཞུ་མཚོན་ཆའི་བག་ཚོང་སོགས་བགྱིར་མི་རུང་བ། བདག་ལ་ཡོད་པ་ནི་བཙོང་དུ་རུང་བ་དང་། ཆང་གི་ཚོང་སྤོགས་ཀྱི་ལས་བྱར་མི་རུང་བ་སྟེ། བདག་ཉིད་ལ་ཡོད་ན་འཚོང་དུ་རུང་བ། སྲིན་བུ་མང་དུ་ཤི་བས་འབྲུ་མར་འཚིར་དུ་མི་རུང་བ་དང་། རྒྱ་གར་གྱི་ཆོས་ཀྱིས་དེ་བཞིན་ཏེ། ག་བུ་ཤ་ཚུན་ཆད་ནི་འབྲུ་མར་འཚིར་བའི་ནང་ན་སྲིན་བུ་མེད་ན་ཉེས་པ་མེད་དོ། ། |
| Domain | ཆོས་ལུགས། |