24513
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་བསྙེན་ཕ་མའི་བསླབ་བྱ་ལ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱིས་ནི་སྐྱབས་འགྲོ་བླངས་ནས་དེའི་བསླབ་བྱ་ཙམ་བསྲུང་བའོ། །སྣ་གཅིག་སྤྱོད་པས་ནི་སྲོག་གཅོད་ཙམ་སྤོང་བའོ། །སྣ་འགའ་སྤྱོད་པས་ནི་མ་བྱིན་ལེན་དང་གཉིས་སྤོང་བའོ། །ཕལ་ཆེར་སྤྱོད་པས་ནི་བརྫུན་དང་གསུམ་སྤོང་ཞིང་། ཡོངས་རྫོགས་ཀྱིས་ནི་འདོད་ལོག་དང་ཆང་སྟེ་ལྔ་ཆར་སྤོང་ངོ་། །བྱེ་བྲག་ཏུ་སྨྲ་བ་དེ་ལས་གཞན་པའི་དགེེ་བསྙེན་མི་འདོད་ལ། མདོ་སྡེ་པ་དག། རྒྱན་གྱིས་རྒྱན་པར་གྱུར་ཀྱང་ཆོས་སྤྱོད་ལ། །ཞེས་སོགས་ཀྱི་གཞུང་ལ་བརྟེན་ནས་དེའི་སྟེང་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་ཀྱི་དགེ་བསྙེན་ཡང་འདོད་ཅིང། འཕགས་པའི་གནས་བརྟན་སྡེ་བ་དག་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པ་གོ་མིའི་དགེ་བསྙེན་ཡང་འདོད་དོ། །ཐེག་ཆེན་ཀྱི་སྡེ་སྣོད་ལས་ཀྱང་འདི་འབྱུང་སྟེ། དཀོན་མཆོག་བརྩེགས་པ་ལས། རྒྱལ་པོའི་བུ་སྙིང་རྗེ་ཆེར་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པར་བཤད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |