24519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བསྙེན་གྱི་སྡོམ་པའི་ཡན་ལག་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ གཞན་ལ་གནོད་པའི་དངོས་པོ་ཆེན་པོ་སྤོང་བ་ཡང་དག་པར་བླང་བའི་ཡན་ལག་ནི། དེ་ལ་གཞན་གྱི་སྲོག་ལ་གནོད་པ་དང༌། ལོངས་སྤྱོད་ལ་གནོད་པ་དང༌། ཆུང་མ་ལ་གནོད་པ་སྤོང་བ་ནི་ཡན་ལག་དང་པོའོ། །༢ ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་ནི། བརྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གཉིས་པའོ། །༣ ཡང་དག་པར་བླངས་པ་ལས་མི་ཉམས་པའི་ཡན་ལག་ནི། ཆང་དང་བཙོས་པའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤོང་བ་ནི་ཡན་ལག་གསུམ་པའོ། །
Domain ཆོས་ལུགས།