24524
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྦྱོར་བ་ནི། སྟོན་པ་དང་སློབ་དཔོན་ལ་ཕྱག་འཚལ་ནས་ཙོག་པུར་འདུག་སྟེ་ཐལ་མོ་སྦྱོར་དུ་གཞུག་པའོ། །དངོས་གཞི་ནི། སྐྱབས་བརྗོད་བདག་བརྗོད་གཞན་བརྗོད་དེ་ཆོ་ག་དུམ་བུ་གསུམ་མོ། །མཇུག་ནི། བསླབ་པ་བརྗོད་ཅིང་བསྒྲུབ་བྱས་ཁས་བླངས་པའོ། །སྐྱབས་བརྗོད་པ་ནི་སྐྱབས་འགྲོ་བྱེད་དུ་བཅུག་པ། བདག་བརྗོད་ནི། བདག་ཇི་སྲིད་འཚོའི་བར་དུ་ཡོངས་རྫོགས་དགེ་བསྙེན་དུ་བརྗོད་པའོ། །གཞན་བརྗོད་ནི། སློབ་དཔོན་གྱིས་བཟུང་དུ་གསོལ་བརྗོད་པའོ། །ཡོངས་རྫོགས་དགེ་བསྙེན་གྱི་ཚབ་ཏུ་དགེ་བསྙེན་དྲུག་པོ་གང་སྒྲུབ་ཀྱང་དེའི་མིང་བརྗོད་པའོ། །བར་མ་རབ་བྱུང་ལ་ཆོ་ག་དུམ་བུ་གསུམ་མེད་པ་མ་གཏོགས་སྦྱོར་དངོས་མཇུག་གསུམ་འདྲའོ། །དགེ་ཚུལ་ལ་སྦྱོར་དངོས་མཇུག་སྐྱབས་བརྗོད་སོགས་འདྲའོ། ། |
| Domain | ཆོས་ལུགས། |