24526
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། དེ་ཡང་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་ཐེག་དགུ་ལས་འབྲས་ཐེག་ལྔ་ཡི་དང་པོ་དགེ་བསྙེན་ཐེག་པའི་བོན་སྤྱོད་ལ་འཇུག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་ལ་འཇུག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ངང་དལ་སེམས་དཀར་དགེ་ལ་བརྩོན། གཏན་ཁྲིམས་བསྙེན་གནས་དག་པར་བསྟན། སྡིག་བཅུ་སྤངས་པའི་གཤེན་རབ་ལ། དེ་ལ་དགེ་བསྙེན་དབང་ཁྲིམས་བསྐུར། ཞེས་པས། དེ་ལ་ཡང་ཕྱིའི་ངང་ཚུལ་དལ་ཞིང་ནང་གི་སེམས་རྒྱུད་དཀར་བ་སྤྱིར་དགེ་སྤྱོད་ལ་བརྩོན་པ་ཆེ་བ། བྱེ་བྲག་གཏན་ཁྲིམས་སྣ་ལྔ་དག་པར་བསྲུང་ཞིང་སྡིག་སྤྱོད་མི་དགེ་བཅུ་སོགས་སྤང་ལ་བླང་དོར་ཚུལ་བཞིན་སྤྱོད་པར་ནུས་པའི་གང་ཟག་རྒྱུ་ཡི་གཤེན་རབ་ཅིག་དགོས་པར་གསུངས་སོ། ། |
| Domain | ཆོས་ལུགས། |