24539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་མཚན་ (1)
Part of speech མིང་ཚིག
Definition ཕན་ཡོན། ལེགས་ཚོགས། བཟང་པོའི་རྒྱུ་ཚོགས།
དགེ་མཚན་ (2)
Part of speech མིང་ཚིག
Definition བཀྲ་ཤིས་པའི་རྟགས་སམ་མཚན་མ། བཀྲ་ཤིས་པའི་མཚོན་དོན། སྒྲ་བཤད་ནི། དགེ་བའི་མཚན་མ་ཞེས་པ་སྟེ། དགེ་བ་ནི་བཟང་པོ་དང་བཀྲ་ཤིས་པ་སོགས་ཀྱི་དོན་ཡིན་ལ། མཚན་མ་སྟེ་རྟགས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། དགེ་མཚན་ཞེས་བྱ་བ་ནི་བདག་པོ་དང་བུ་དང་མིང་པོ་ལ་སོགས་པ་ལ་དགེ་བར་ཕྱིར་འོང་བ་ལ་སོགས་པའི་དོན་དུ་བུད་མེད་རྣམས་ཀྱིས་སྲུང་བའི་སྐུད་པ་ལ་སོགས་པ་བཏགས་པ་དང། ལུས་ཀྱི་ཕྱོགས་གཅིག་ལ་གི་ཝང་ལ་སོགས་པས་སྐུད་པའོ། །ཞེས་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། དགེ་མཚན་ཞེས་བྱ་བ་ནི་གིའུ་ཝང་དང་ཚོན་སྣ་ལྔ་པ་དང་ཡུངས་ཀར་དཀར་པོ་གསང་སྔགས་ཀྱིས་བཏབ་པ་ལ་སོགས་པ་བཀྲ་ཤིས་ཀྱི་རྟགས་སོ། །ཞེས་གསུངས།
དགེ་མཚན་ (3)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས་དགེ་མཚན་ཞེས་བྱ་བ་ནི་ཡིད་དུ་འོང་བའི་རྒྱུའོ་ཞེས་གསུངས།