24541
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ལུང་དུ་བསྟན་པ་ཡང་ཡིན། རང་འབྲས་རྣམ་སྨིན་བདེ་བ་འབྱིན་བྱེད་ཀྱི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དགེ་བའི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་དང་བཞི་ཡོད་ཅིང་། མཚན་གཞི་ནི། རིམ་པ་བཞིན་དུ་ཐར་པ་དང་། ངོ་ཚ་ཁྲེལ་ཡོད་དང་། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལྟ་བུ་ལ་བྱེད། དེ་ཡང་དང་པོ་དེ་དོན་དམ་པའི་དགེ་བ་དང་དགེ་བ་བཏགས་པ་བ་གཉིས་ཀ་ཡིན། ཕྱི་མ་གསུམ་ཀུན་རྫོབ་པའི་དགེ་བ་དང་དགེ་བ་མཚན་ཉིད་པ་གཉིས་ཀ་ཡིན། ལུང་དུ་བསྟན་པ་ཡང་ཡིན། རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། མི་དགེ་བའི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་མི་དགེ་བ། ངོ་བོ་ཉིད་ཀྱི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ་དང་བཞི་ཡོད་སོགས་བཞི་ཡོད་ཅིང་། མཚན་གཞི་ནི། རིམ་པ་བཞིན་དུ་འཁོར་བ་དང་། ཁོང་ཁྲོ་དང་། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལྟ་བུའོ། །དགེ་མི་དགེ་གང་དུ་ཡང་ལུང་བསྟན་དུ་མེད་པའི་ཆོས་སུ་དམིགས་པ། ལུང་མ་བསྟན་གྱི་མཚན་ཉིད། དེ་ལ་དབྱེ་ན། དོན་དམ་པའི་ལུང་མ་བསྟན། ངོ་བོ་ཉིད་ཀྱི་ལུང་མ་བསྟན། མཚུངས་ལྡན་གྱི་ལུང་མ་བསྟན། ཀུན་སློང་གི་ལུང་མ་བསྟན་དང་བཞི་ཡོད། དང་པོ་ནི། འདུས་མ་བྱས་གསུམ་ལྟ་བུ། གཉིས་པ་ནི། དབང་པོ་གཟུགས་ཅན་པ་ལྟ་བུ། གསུམ་པ་ནི། ཁམས་གོང་གི་སས་བསྡུས་ཀྱི་ཉོན་མོངས་པ་མཚུངས་ལྡན་དང་བཅས་པ་ལྟ་བུ། བཞི་པ་ནི། སྤྲུལ་སེམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལྟ་བུའོ། ། |
| Domain | ཆོས་ལུགས། |