24543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དགེ་ཚུལ་བཤད་དུ་ཡོད་དེ། ངོ་བོའི་དབང་དུ་བྱས་ན། སྤང་བྱ་བཅུ་སྤོང་བར་མནོས་པས་རབ་ཏུ་ཕྱེ་བའི་སྡོམ་པ་ལ་གཙོ་བོར་གནས་པའི་བསྙེན་པར་མ་རྫོགས་པའི་གང་ཟག ། དགེ་ཚུལ་གྱི་ངོ་བོ་དང་། ཞེས་གསུངས། སྒྲ་བཤད་ཀྱི་དབང་དུ་བྱས་ན། མིག་མཆི་མས་གང་བ་དང་འདྲ་བས་དགེ་ཚུལ་ཞེས་བརྗོད་པ་དང་། བླ་མའི་བྱ་བ་ལ་ངལ་ཞིང་དུབ་པས་དགེ་ཚུལ་ཞེས་ཀྱང་བརྗོད་པའི་ཕྱིར། མིག་མཆི་མས་གང་བ་དང་འདྲ་སྟེ། མིག་དེས་ཐག་ཉེ་བའི་གཟུགས་མཐོང་ཀྱང་། ཐག་རིང་པོའི་གཟུགས་མི་མཐོང་བ་བཞིན་དུ་དགེ་ཚུལ་དེས་རང་གི་བསླབ་བྱའི་གནས་སྟོན་པའི་འདུལ་བ་ཉན་དུ་རུང་ཀྱང་དགེ་སློང་གི་བསླབ་བྱའི་གནས་སྟོན་པའི་འདུལ་བ་ཉན་དུ་མི་རུང་བའི་ཕྱིར། དེ་ཡང་དགེ་ཚུལ་ལ་ལེགས་སྦྱར་གྱི་སྐད་དུ། ཤྲ་མ་ཎི། ཞེས་གསུངས། དེ་ལ་ཨེ་ར་ག་ཚ་ཏི་བསྣན་པས་སྒྲ་དོན་སྔ་མ་ལྟར་དང་། ཙི་ལ་ཞུ་ཞེས་པ་བསྣན་པས་ཕྱི་མ་ལྟར་འབྱུང་ཞེས་ཁ་ཅིག་འཆད། ཁ་ཅིག་སཾསྐྲྀ་ཏའི་སྐད་དང་བསྟུན་ན་སྔ་མ་ལྟར་དང་། ཕལ་སྐད་དང་བསྟུན་ན་ཕྱི་མ་ལྟར་ཡིན་ཞེས་འཆད་དེ་གང་ལེགས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།