24549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགོས་པའི་དོན་ནི་དགེ་ཚུལ་ལ་སོགས་པ་གསུམ་པོ་རང་རང་གི་ལྟུང་བ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་བཞི་ལས་ཡུལ་གང་ལ་བཤགས་པ་ནི་བཤགས་ཡུལ་བསྙེན་རྫོགས་ཆོས་བརྒྱད་ལྡན་ལ་སྟེ། ཐུན་མོང་བ་ཆོས་བདུན་སྔར་བཤད་པའི་སྟེང་དུ། ལྟུང་བ་མིང་རིགས་མཐུན་པ་མི་ལྡན་པ་དང་བརྒྱད་དོ། །རྟེན་གང་གིས་བཤགས་པ་ནི་རྟེན་ཆོས་བཞི་ལྡན་གྱིས་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་དུ་གནས་པ་དང་། བསྙིལ་བ་མ་ཡིན་པ་སྟེ་བཞིའོ། །ལྟུང་བ་གང་བཤགས་པ་ནི་ཆོས་བཞི་ལྡན་ཏེ། བཤགས་པར་བྱ་བའི་ཉེས་བྱས་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་དང་། འཆབ་པ་དང་མི་ལྡན་པའོ། །དང་པོ་ནི་སྤྱིར་ན་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་རྣམ་པ་གསུམ་ལས། བཤགས་པར་བྱ་བའི་ཉེས་བྱས་ནི་དགེ་ཚུལ་གྱིས་ཆང་འཐུང་བ་ལ་སོགས་པའི་ཉེས་བྱས་རྣམས་སོ། །གཞན་དུ་ན་ཕམ་པ་དང་འདྲ་བའི་ཉེས་བྱས་ནི་བཤགས་པས་མི་འདག་ཅིང་། བསྡམ་པར་བྱ་བའི་ཉེས་བྱས་ནི་ཡིད་ཀྱིས་བསྡམས་པའི་འདག་སྟེ། བཤགས་མི་དགོས་སོ། །ཆོ་ག་གང་གིས་བཤགས་པ་ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འཆབ་པ་ཡོད་ན་འཆབ་པའི་ཉེས་པ་དེ་ཡིད་ཀྱིས་བསྡམས་ལ། དེ་ནས་བཤགས་བྱའི་ཉེས་པ་དངོས་ཉིད་བཤགས་པ་བྱེད་པ་ན་བཤགས་ཡུལ་ལ་ཕྱག་བྱ་སྟེ་ཐུགས་གཏད་པར་ཞུ་བ་དང་། ལྷམ་ཕུད་དེ་ཙོག་པར་འདུག་ཅིང་ཐལ་མོ་སྦྱོར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། དེའང་ལྟུང་བ་གཅིག་དང་གཉིས་དང་གསུམ་སོགས་ཚད་མང་པོ་དང་དཔག་ཏུ་མེད་པ་བྱུང་སྟེ་ཞེས་བརྗོད་ཅིང་བཤགས་པའོ། །མཇུག་མཐོང་སྡོམ་ལན་གསུམ་འདྲི་ཞིང་ལན་འདེབས་པ་དང་། ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་དོ། ། |
| Domain | ཆོས་ལུགས། |