24551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་ (1)
Part of speech མིང་ཚིག
Definition དགེ་ཚུལ་གྱི་བསླབ་པའི་གཞི་མདོ་ལས་བྱུང་བ་སྟེ། སྲོག་གཅོད་པ་སྤོང་བའི་བསླབ་པའི་གཞི། མ་བྱིན་པ་ལེན་པ་སྤོང་བའི་བསླབ་པའི་གཞི། མི་ཚངས་པར་སྤྱོད་པ་སྤོང་བའི་བསླབ་པའི་གཞི། བརྫུན་དུ་སྨྲ་བ་སྤོང་བའི་བསླབ་པའི་གཞི། འབྲུའི་ཆང་དང་སྦྱར་བའི་ཆང་མྱོང་པར་འགྱུར་བ་བག་མེད་པའི་གནས་སྤོང་བའི་བསླབ་པའི་གཞི། གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་འབྱུག་པ་སྤོང་བའི་བསླབ་པའི་གཞི། རྒྱན་དང་ཁ་དོག་འཆང་བ་སྤོང་བའི་བསླབ་པའི་གཞི། མལ་མཐོན་པོ་དང་། མལ་ཆེན་པོ་སྤོང་བའི་བསླབ་པའི་གཞི། དུས་མ་ཡིན་པའི་ཁ་ཟས་སྤོང་བའི་བསླབ་པའི་གཞི། གསེར་དངུལ་ལེན་པ་སྤོང་བའི་བསླབ་པའི་གཞིའོ། །
Domain ཆོས་ལུགས།