24553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་གྱི་བསླབ་བྱ་ (1)
Part of speech མིང་ཚིག
Definition དགེ་ཚུལ་ཕ་མའི་བསླབ་བྱ་ལ་བླངས་པ་ལས་འདས་པ་དང། ཉེས་མེད་དང། ཕྱོགས་མཐུན་གསུམ་ལས། དང་པོ་སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང། །ཕྱི་དྲོའི་ཁ་ཟ་གསེར་དངུལ་ལེན་པ་སྤང། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་འཆང་བ་དང། འབྲལ་བ་དང། འཇོག་པ་དང། ལྷུང་བཟེད་འཆང་བ་དང། དགོན་པའི་འབྲལ་བ་དང། གསོག་འཇོག་བྱེད་པ་དང། ས་བོན་འཇོམས་པ་དང། སྐྱེ་བ་འཇིག་པ་དང། བྱིན་ལེན་མ་བྱས་པར་ཟ་བ་དང། སྤངས་པ་ཟ་བ་དང། གསོག་འཇོག་ཟ་བ་དང། རིན་པོ་ཆེ་ལ་རེག་པ་དང། མེ་ལ་རེག་པ་དང། ས་རྐོ་བ་དང། དགེ་ཚུལ་ནང་ཉལ་བ་དང། ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བ་དང། རྩ་སྔོན་ཡོད་པའི་ས་ཕྱོགས་སུ་མི་གཙང་བ་འདོར་བ་དང། ཤིང་ལ་མི་གང་ལས་ལྷག་ཙམ་མི་འཛེག་པའོ། །གསུམ་པ་ནི་བླངས་འདས་དང་ལྟུང་མེད་མ་གཏོགས་པ་དགེ་སློང་ཕ་མའི་བཅས་པ་རྣམས་སོ། །དེ་ལ་རྩ་བ་བཞི་ལས་འཆབ་སེམས་ཀྱིས་འདས་ན་སྡོམ་པ་སླར་བླང་དུ་མེད་ཅིང། ཡན་ལག་དྲུག་ལས་འདས་ན་བཤགས་པར་བྱ་བ་ཡིན་ལ། ཕྱོགས་མཐུན་ལས་འདས་ན་ཡིད་ཀྱིས་སྡོམ་པར་བྱ་བ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།