24557
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རང་གི་སྤང་བྱ་རྩ་བ་བཞི་དང་གླུ་གར་བྱེད་པ་མེ་ཏོག་གི་འཕྲེང་བ་འདོགས་པ་མལ་སྟན་ཆེ་མཐོ་གཉིས་གཅིག་ཏུ་བྱས་པ་མྱོས་འགྱུར་འཐུང་བ་ཕྱི་དྲོའི་ཁ་ཟས་ཟ་བ་གསེར་དངུལ་ལེན་པ་སྟེ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་རབ་བྱུང་གི་སོ་ཐར་གྱི་སྡོམ་པར་དམིགས་པ། དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ལས། རྩ་བ་བཞི་དང་ཡན་ལག་དྲུག ། བཅུ་སྤོང་དགེ་ཚུལ་སྡོམ་པའོ། །ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |