24561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་བསྙིལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བདེན་པའི་བསྔགས་པ་མིན་པ་སྒྲོགས་པ་བདེན་པ་ལ་ལོག་པར་ལྟ་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་ན། དེ་དག་གིས་བར་དུ་མི་གཅོད་ཅེས་སྨྲ་བ་སོགས་སོ། །དཀོན་མཆོག་གསུམ་གྱི་བསྔགས་པ་མིན་པ་ཏེ་དེ་དག་ལ་སྐྱོན་བརྗོད་པར་བྱེད་པའི་དགེ་ཚུལ་ཉིད་དོ། །ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།
དགེ་ཚུལ་བསྙིལ་བ་ (2)
Part of speech མིང་ཚིག
Definition སྡིག་ལྟ་ཅན་གྱི་དགེ་ཚུལ་ལ་ལྟུང་བ་གླེང་དྲན་བཞམས་བསྒོ་སོགས་ཟློག་བྱེད་ཀྱི་རྐྱེན་གྱིས་བཟློག་ཀྱང་མཐའ་མི་གཏོང་བ་གནས་ནས་དབྱུང་བའོ། །