24562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་དགེ་ཚུལ་བསྙིལ་བ་ཉེ་བར་འཇོག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆད་པ་མི་གཅོད་ཅིང་རྒྱུད་ལང་དུ་སོང་བས། ཡུལ་དགེ་ཚུལ་དེ་ལ་གནོད་ཅིང་རང་དགེ་འདུན་གྱི་ནང་ཁྲིམས་བྲལ་བས། རིགས་དགེ་འདུན་ལ་ཡང་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱིས་དགེ་ཚུལ་བསྙིལ་བ་ལ་བཅས་ལྡན་དགེ་སློང་གིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱས་པ་ལ་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན་དགེ་ཚུལ་བསྙིལ་བ་བྱའོ། །ཞེས་པས་དགེ་ཚུལ་བསྙིལ་བ་ཙམ་བསྟན། དེ་སྡུད་པའི་ལྟུང་བྱེད་ནི། སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཇི་སྐད་བཤད་པ་དེ་གནས་དབྱུང་ཕོག་པ་པོ་དགེ་སློང་དང་དགེ་ཚུལ་གྱི་ཁྱད་པར་མ་གཏོགས་ཇི་ལྟ་བ་བཞིན་སྦྱར་ཆོག་པར་རྒྱ་ཆེར་འགྲེལ་ལས་གསུངས་སོ། །ངོ་བོ་ནི། དགེ་འདུན་གྱི་གནས་ནས་ཕྱུང་བའི་དགེ་ཚུལ་དང་དགེ་སློང་རང་བཞིན་དུ་གནས་པ་གང་ལྷན་ཅིག་གནས་ཏེ་སྤྱོད་ལམ་མཐུན་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།