24566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཅིག་པུ་ལམ་དུ་འགྲོ་བར་མི་བྱ་བ། ཆུ་བོའི་ཕ་རོལ་ལ་རྐྱལ་མི་བྱ་བ། སྐྱེས་པ་ལ་རེག་པར་མི་བྱ་བ། སྐྱེས་པ་དང་ལྷན་ཅིག་འདུག་པར་མི་བྱ་བ། ཁ་ན་མ་ཐོ་བྱུང་བ་འཆབ་པར་མི་བྱ་བ། སྨྱན་དུ་འགྱུར་བར་མི་བྱ་བ་སྟེ་ཕོ་མོའི་གཉེན་སྒྲིག་གི་མཚམས་སྦྱོར་མི་བྱའོ། །གཉིས་པ་རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་སོགས་པ་བཟུང་བར་མི་བྱ་བ། གསང་བའི་གནས་ཀྱི་སྤུ་བྲེག་པར་མི་བྱ་བ། ས་རྐོ་བར་མི་བྱ་བ། རྩ་སྔོན་པོ་ལ་སོགས་པ་གཅོད་པར་མི་བྱ་བ། བྱིན་ལེན་མ་བྱས་པར་ཟ་བར་མི་བྱ་བ། གསོག་འཇོག་བྱས་པ་ཟ་བའོ། ། |
| Domain | ཆོས་ལུགས། |