2457
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགྲོ་བའི་སྡུག་བསྔལ་སེལ་བྱེད་ཀྱི་ཐབས་ཚུལ་དུ་གསུངས་པའི་ནག་རྩིས་སམ་འབྱུང་རྩིས་རིག་པའི་ནང་གསེས་ཤིག་སྟེ། བརྩི་བྱར་ཚུད་པའི་གང་ཟག་ཐ་མལ་པ་དག་ལ་ལོ་གཅིག་རིང་ཕྱི་ནང་གསང་གསུམ་གྱི་ཀེག་ཅི་ཡོད་དང་། དེ་སེལ་ཕྱིར་བསྒྲུབ་ཡོད་པའི་རིམ་གྲོའི་སྐོར་གང་ཡིན་བཅས་རྒྱ་ཆེར་སྟོན་པའི་རྩིས་ལ་ཟེར་བ་ཡིན། རང་ལུགས་གསལ་སྒྲོན་རྩ་བའི་དགོངས་པ་ལྟར་ན། འདི་ལ་མི་འགྱུར་རྩ་བའི་རྡེལ་དྲུག་དང་། གཅོད་འདྲལ་འཐབ་པའི་འཐབ་རྡེལ་ཉེར་བཞི། དཀར་ནག་བགྲངས་པའི་ཁ་དམར་རྡེལ་བཞི། རྩུབ་རྡེལ་བདུན། སྨེ་བའི་ཀེག་ཕྲན་བཞི། དགུ་དུར་གཉིས་བཅས་ཁྱོན་བསྡོམས་རྡེལ་གྲངས་ཞེ་བདུན་ཡོད་པས་ན་ཀེག་རྩིས་ཞེ་བདུན་མ་ཞེས་འབོད། གཞན་ཡང་མཁས་མཆོག་སྤུག་སྟོན་གྱི་རྗེས་སུ་འབྲངས་པའི་གཙང་རྩིས་ཀེག་རྡེལ་དོན་ལྔ་མ་དང་། སྦས་པ་མཛུབ་ཚུགས་ལས་གསུངས་པའི་ཀེག་རྡེལ་སོ་གཅིག་མ། མཁས་པའི་ཕྱག་བཞེས་སུ་གནས་པའི་ཀེག་རྡེལ་ཉི་ཤུ་མ་སོགས་རྡེལ་གྲངས་ཀྱི་མང་ཉུང་མི་འདྲ་བའི་ཀེག་རྩིས་དུ་མ་ཞིག་ཡོད། |
| Domain | རྩིས་རིག |