24571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་སོགས་ཀྱི་དགག་དབྱེ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་ལ་རྫས་ཀྱི་དགག་དབྱེའི་བྱས་པ་དེའི་འོག་ཏུ་དགག་དབྱེ་བྱེད་པ་དེས་དགེ་ཚུལ་རྣམས་ལ་སྔགས་ཚིག་སྔར་བཞིན་དུ་བརྗོད་དེ་དགག་དབྱེ་བྱ། དེའི་འོག་ཏུ་དགེ་སློང་མ་རྣམས་དང། དེས་མཚོན་ནས་དགེ་སློབ་མ་དང། དགེ་ཚུལ་མ་རྣམས་ལ་ཡང་དགག་དབྱེ་བྱ་བ་བསྟན་ནོ། །དགེ་ཚུལ་ལ་སོགས་ལ་རྫས་ཀྱི་དགག་དབྱེ་ནི་མ་གནང་སྟེ་གཙོ་བོ་མ་ཡིན་པའི་ཕྱིར། ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།