24572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ་སྒྲུབ་པའི་ཆོ་ག་ (1)
Part of speech མིང་ཚིག
Definition དགེ་ཚུལ་གྱི་སྡོམ་པ་འབོག་པའི་ཆོ་ག་སྦྱོར་བ་བར་མ་རབ་བྱུང་སྒྲུབ་པའི་ཆོ་ག་སྔོན་དུ་སོང་ནས། དངོས་གཞི་འགལ་རྐྱེན་བཞི་དང་བྲལ། མཐུན་རྐྱེན་ལྔ་དང་ལྡན་པའི་སྒོ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྩོམ་བྱེད་དུ་བྱས་པས་སྐྱབས་བརྗོད་དང༌། བདག་མིང་འདི་ཞེས་བགྱི་བ་དགེ་ཚུལ་དུ་སྒྲུབ་པ་ཞེས་བདག་བརྗོད་དང༌། བཙུན་པས་བཟུང་དུ་གསོལ་ཞེས་པ་གཞན་བརྗོད་དེ་བརྗོད་པ་གསུམ་གྱི་མཐར་དུས་གོ་བརྗོད་པ་དང༌། བསླབ་པ་བརྗོད་པ་སོགས་སྦྱོར་དངོས་རྗེས་གསུམ་གྱི་རིམ་པ་རྣམས་སོ། །
Domain ཆོས་ལུགས།