24577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་གཉིས་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དང་པོ། དོན་དམ་པའི་དགེ་འདུན། དེ་ལ་གཉིས་ཏེ། དང་པོ། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་གང་ཟག་བརྒྱད་དེ། ༡ རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ། ༢ རྒྱུན་དུ་ཞུགས་པ། ༣ ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པ། ༤ ལན་ཅིག་ཕྱིར་མི་འོང་བ། ༥ ལན་ཅིག་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ། ༦ ཕྱིར་མི་འོང་བ། ༧ དགྲ་བཅོམ་པའི་འབྲས་བུའི་སྲོལ་དུ་ཞུགས་པ། ༨ དགྲ་བཅོམ་པའོ། །གཉིས་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལྔ་སྟེ། ༡ ལྷག་པའི་བསམ་པ་དག་པ་ཅན། ༢ རྩོལ་བ་དང་བཅས་པའི་མཚན་མ་མེད་པ་ལ་གནས་པ། ༣ རྩོལ་བ་མེད་པའི་མཚན་མ་མེད་པ་ལ་གནས་པ། ༤ ངེས་པའི་སྤྱོད་པ་ལ་ཞུགས་པ། ༥ ངེས་པར་སྐྱེ་བ་གཅིག་གིས་ཐོགས་པའོ། ། བརྡར་བཏགས་པའི་དགེ་འདུན། དེ་ལ་གསུམ་སྟེ། ༡ ལྷག་པར་མོས་པ་ཅན་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པ་སོ་སོ་སྐྱེ་བོའི་དགེ་འདུན། ༢ སོ་སོ་སྐྱེ་བོའི་དགེ་སློང་། ༣ སོ་སོ་སྐྱེ་བོའི་དགེ་སློང་མའི་དགེ་འདུན་ནོ། །
Domain ཆོས་ལུགས།