24588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་གྱི་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་གང་ཟག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཚུལ་ཁྲིམས་རྣམ་པར་དག་ཀྱང་ཚངས་པའི་དྲ་བ་ཞེས་བྱ་བའི་མདོ་སྡེ་ལས་གསུངས་པའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་གང་རུང་དང་ལྡན་པ་ནི་ཁ་སྐོང་དུ་མི་རུང་སྟེ། སྡིག་པའི་ལྟ་བ་ཅན་ཡིན་པའི་ཕྱིར། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། མགུ་ལྡན་གསུམ། ངོ་བོ་ཉིད་འཚོོལ་བ་དང། བསླབ་པ་བྱིན་པ། སྡིགས་པ། ནན་ཏུར། བསྐྲད་པ། ཕྱིར་འགྱེད། ལྟུང་བ་ཕྱིར་བཅོས་མི་བྱེད་པ་གནས་ནས་དབྱུང་བ། ལྟུང་བ་མ་མཐོང་ངོ་ཟེར་བ། སྡིག་ལྟ་མི་གཏོང་བ། དགེ་སློང་མ་དང་འདྲེས་ཤིང་གནས་པ། འཐབ་དཀྲོལ་བྱེད་པ་འབད་པས་ལྡོག་ཀྱང་མི་ཉན་པ། རྣམ་པར་གཏན་ལ་འབེབས་པའི་རྩོད་པ་ཉེ་བར་ཞི་བའི་ཕྱིར། འཐབ་དཀྲོལ་གྱི་རྒྱུ་མི་གཏོང་ཞིང་ཉེ་བར་སྒྲུབ་པ་གནས་ནས་ཕྱུང་བ་སྟེ། ས་གཞན་ན་གནས་པ་ཉེར་ལྔ་ནི་ཁ་སྐོང་དུ་མི་རུང་སྟེ། སྤོ་བ་སོགས་དེ་ཀུན་ཆད་ལས་ཡིན་པའི་ཕྱིར། སྤོ་བ་ལ་སོགས་པ་སྨོས་པས་ཕམ་པ་འཆབ་མེད་བྱུང་བའི་བསླབ་བྱིན་ཡང་ཁ་སྐོང་དུ་མི་རུང་བར་བཤད་དོ། །ཆད་ལས་ཕོག་པ་རྣམས་ཀྱི་ནང་ནས་ཀྱང་བསླབ་བྱིན་ནི་ཆེས་ལྕི་བ་ཡིན་པའི་ཕྱིར། ཐ་དད་པ་གནས་པ་ལས་ཀྱི་ཁ་སྐོང་དུ་མི་རུང་བར་བཤད་པ་ནི་ལས་སྤྱི་དང་ཁྱད་པར་ཆོས་ཕྱོགས་པའི་ལས་ལ་དགོངས་པ་མ་ཡིན་ལ། འོ་ན་ཅི་ཞེ་ན། ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་གཉིས་སུ་ཕྱེ་ན་ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་ནས། ཆོས་མིན་ཕྱོགས་པ་ལས་ཐ་དད་པར་གནས་པ་ནི་ཆོས་མིན་ཕྱོགས་པའི་ལས་ལ་ཁ་སྐོང་དུ་འོས་པ་མ་ཡིན་པ་ནི་འགྲེལ་བའི་དགོངས་པའོ། །དེས་མཚོན་ནས་ཆོས་མིན་ཕྱོགས་པར་ཁས་བླངས་པ་ཡང་ཆོས་ཕྱོགས་པའི་ལས་ཀྱི་ཁ་སྐོང་དུ་མི་རུང་བར་བསྟན་ཏོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།