24598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་ཐམས་ཅད་ཀྱི་རང་འཇུག༌བྲལ་གྱིས་དབྱུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། སྲ་བརྐྱང་མཚམས་གཞན་དུ་ཕྱིན་པ་ལ་སོགས་པ་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་སོང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ལ་བདུན་ཡོད་དེ། སྲ་བརྐྱང་མཚམས་གཞན་དུ་ཕྱིན་པ་དང་། བསྲུང་བ་པོའི་དགེ་སློང་མེད་པར་མཚམས་ནང་དུ་སྐྱ་རེངས་ཤར་བ་དང་། བཏིང་ནས་ཟླ་བ་ལྔ་ལྷག་པ་དང་། བཏིང་བ་དུས་མ་ཡིན་པར་ཤེས་ནས་གསོ་སྦྱོང་བྱས་པ་དང་། སྲ་བརྐྱང་མེས་ཚིག་པ་ལྟ་བུ་དངོས་པོ་ཞིང་མ་ཡིན་པར་གྱུར་པ་དང་། གདིང་བར་གཏོགས་པའི་དགེ་འདུན་རྣམས་ཤི་བ་འམ་བབས་པ་ལྟ་བུ་རྟེན་ཞིང་མ་ཡིན་པར་གྱུར་པ་དང་། དགེ་འདུན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཁུངས་སུ་གཏོགས་པ་ཆད་པ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་མདོ་ལས་གསུངས་ཚུལ་ཡོད་དེ། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་ཞེས་སོགས་གསུངས། ཞེས་གསུངས།
Domain ཆོས་ལུགས།