2460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀེག་སྐར་ (1)
Part of speech མིང་ཚིག
Definition འགྲམས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། རང་ལོ་གཤེད་བཞིར་གཏོགས་པའི་གཤིན་པོ་དག་ཤི་དུས་ཀྱི་ལོ་ཟླ་གཉིས་ལས་གང་རུང་ཞིག་གཤེད་བཞིར་གཏོགས་ཁར། དུས་དེར་བབས་པའི་སྤར་ཁ་ཡང་མཚམས་སྤར་བཞི་ལས་གང་རུང་ཞིག་ཡིན་པའི་རིགས་ལ་འཕོག་པའི་འགྲམས་ལ་ཟེར་བ་ཡིན། དེ་ལ་ཡང་མཚམས་སྤར་བཞི་ལས་བབས་སྤར་འབབ་ས་གང་ཡིན་གྱི་ཆ་ནས་མིང་གི་ཐ་སྙད་རེ་ཡོད་པ་ནི། ཁེན་ཐོག་ཤི་བའི་ཀུང་ཀུང་འགྲམས་ལ་རྗེས་ངན་ཟེར་ཞིང་བཞི་ལ་ངན། གིན་ཐོག་ཤི་བའི་ཀུང་ཀུང་འགྲམས་ལ་རྗེས་འགྲམས་ཟེར་ཞིང་ཕོ་རྒྱུད་ལ་ངན། ཁོན་ཐོག་ཤི་བའི་ཀུང་ཀུང་འགྲམས་ལ་དུར་ལེན་ཟེར་ཞིང་མནའ་མའམ་བུ་གསུམ་གྱིས་རོ་སྣ་འདྲེན། ཟོན་ཐོག་ཤི་བའི་ཀུང་ཀུང་འགྲམས་ལ་དུར་ལོག་ཟེར་ཞིང་བུ་སྲིང་དང་ཕས་ཀྱང་རོ་སྣ་འདྲེན།
Domain རྩིས་རིག