24606
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་དགེ་འདུན་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་ལས་གྱུར་པའི་ལྟུང་བ་དངོས་གཞི་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་དགེ་འདུན་ཆོས་ཕྱོགས་ལས་ཆོས་མིན་གྱི་ཕྱོགས་སུ་འབྱེད་པ་ལ་བཞམས་བསྒོ་སོགས་ཀྱིས་ལྡོག་ཀྱང་མ་བཏང་པ་ལས་གྱུར་པའི་ལྟུང་བ་དགེ་འདུན་གྱི་མཚན་ཉིད། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་འབྱེད་པ་ལས་དགེ་འདུན་ལྷག་མམ་འདི་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |