24609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་ཕལ་ཆེན་པའི་སྡེ་ (1)
Part of speech མིང་ཚིག
Definition ཉན་ཐོས་ཀྱི་རྩ་བའི་སྡེ་པ་བཞིའི་ནང་གསེས། ཕལ་ཆེན་པ་ཞེས་པ་ནི་གྱེས་པའི་ཚེ་དགེ་འདུན་ཕལ་ཆེ་བ་ཕྱོགས་གཅིག་ཏུ་གནས་པས་དེ་ལྟར་གྲགས་ལ་མདོ་འདོན་པའི་ཚེ་པྲ་ཀྲྀ་ཏའི་སྐད་དུ་འདོན། མཁན་པོ་བྲམ་ཟེའི་རིགས་འོད་སྲུང་ལས་བརྒྱུད། སྣམ་སྦྱར་བདུན་ནས་ཉེར་གསུམ་མན་ཆད་ལ་རྟགས་དཔལ་བེའུ། དགེ་སློང་གི་མིང་ཡེ་ཤེས་དང་སྦས་པའི་མཐའ་ཅན། གྲུབ་མཐའ་བདག་ཕུང་ཐ་དད་པ་དང༌། བདེན་པ་ཅིག་ཆར་མཐོང་བ་དང༌། ཆོས་མཆོག་ལས་ཀྱང་ཉམས་སྲིད་པ་དང༌། དབང་པོས་ཡུལ་མི་འཛིན་པ་སོགས་འདོད་པའོ། །
Domain ཆོས་ལུགས།