24623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་འཇིགས་མེད་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་མདོ་སྨད་རེབ་སྐོང་དུ་འཁྲུངས། ཆུང་དུས་ནས་ཁུ་ཆེན་དགེ་འདུན་མཁྱེན་རབ་ལས་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་སོགས་ལ་སྦྱངས། བཅོ་ལྔ་བར་རོང་བོ་ཐོས་བསམ་གླིང་དུ་ཞུགས། མཚན་ཉིད་སོགས་ཀྱི་གཞུང་ལ་སློབ་གཉེར་མཛད། ཉི་ཤུ་བར་དབུས་སུ་བྱོན། སྒོ་མང་ཀླུ་འབུམ་ཁང་ཚན་དུ་ཞུགས། དབུ་ཕར་སོགས་ལ་སྦྱངས། སླར་མདོ་སྨད་དུ་ཕེབས། སྒྲ་དང་། སྙན་ངག རྩིས་སོགས་ལ་མཁས་པར་སྦྱངས། རབ་བྱུང་བཅོ་བཞི་པའི་ལྕགས་ལུག་ཕྱི་ལོ་ ༡༨༡༡ ལོར་རོང་བོ་རྒྱུད་པ་མཁན་པོའི་ཁྲི་བ་མཛད། གསང་སྒྲོགས་ནས་བདེ་ཆེན་སྤྲུལ་སྐུ་གནད་དྲངས། མཚན་སྒྲོགས་སྤྲུལ་སྐུ་དང་ལྷན་རྡོ་རྗེ་འཇིགས་བྱེད་ཀྱི་ལས་བཞིའི་འཕྲུལ་འཁོར་དང་། ལྕགས་མཁར་གྱི་ཕྱག་བཞེས་ཞིབ་ཁྲིད་གནང་། སྐྱབས་མགོན་བཞི་བ་ཆོས་གྲགས་རྒྱ་མཚོའི་བཀའ་ལྟར། རབ་བྱུང་བཅུ་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༨༢༣ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། གདན་ས་ལོ་བཞིའི་རིང་བསྐྱངས། རྗེ་གསེར་ཁང་པ་བསྲེན་ནས་དབང་ལུང་མན་ངག་ཐམས་ཅད་གསན། ང་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༣ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་མཁན་རབས་ཉེར་དགུ་བ་ཡིན།