24635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་རྗེས་སུ་དྲན་པའི་མཐཪ་གྱིས་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་འཕགས་པ་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་རྗེས་སུ་དྲན་པའི་སྒོ་ནས་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི། འཕགས་པ་ལྟར་ན་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ཅིང། སློབ་དཔོན་ལྟར་ན་ཐེག་ཆེན་གྱི་དྲོད་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། དགེ་འདུན་རྗེས་སུ་དྲན་པའི་སྒོ་ནས་སྐྱེ་མེད་གསུམ་གྱི་ཤེས་རྣམ་ལ་བརྟན་པ་ཐོབ་པའི་ཕྱིར་དུ་སློབ་པའི་སེམས་དཔའི་རྣལ་འབྱོར་དེ། དགེ་འདུན་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བའི་མཚན་ཉིད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། 2.མཐར་གྱིས་པའི་སྦྱོར་བ་གང་ཞིག དགེ་འདུན་རྗེས་སུ་དྲན་པའི་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། དགེ་འདུན་རྗེས་སུ་དྲན་པའི་མཐར་གྱིས་པའི་མཚན་ཉིད།
Domain ཆོས་ལུགས།

{{#arraymap:དགེ་འདུན་རྗེས་སུ་དྲན་པའི་མཐཪ་གྱིས་སྦྱོར་བ་

|; |@@@ | | }}